魔鏡歌詞網
魔鏡歌詞網 > 男生歌手 > 扎西曲批 > 牧人 > 牧人

扎西曲批



歌詞
專輯列表

扎西曲批

牧人

ལུག་རྫི།
ཚིག མི་ཉག་བཀྲ་ཤིས་ཆོས་ལྡན།
དབྱངས བསྟན་འཛིན།
ལེན་མཁན བཀྲ་ཤིས་ཆོས་འཕེལ།
མེ་ཏོག་སྣ་བརྒྱ་བཞད་པའི་ཐང་དཀྱིལ་ན།།
གཡང་དཀར་ལུག་གི་འབར་སྒྲ་ལྷངས་སེ་ལྷང་།།
ལུག་རྫི་ང་ཡི་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་་སྐྱིད་ཀྱིས་གང་།
སྦྲ་ནག་གྲུ་བཞིའི་འདབས་ཀྱི་ལྷས་ར་ན།།
གཡང་དཀར་ལུག་གི་འཕེལ་ཁ་ཡོངས་སུ་རྒྱས།།
ལུག་རྫི་ང་ཡི་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་་་་སྐྱིད་ཀྱིས་གང་།
ཨེ་་་་མ་་་་་དགའ་བ་ལ།
ལུག་རྫི་ང་ཡི་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་་སྐྱིད་ཀྱིས་གང་།
更多更詳盡歌詞 在 ※ Mojim.com 魔鏡歌詞網
དབྱར་གྱི་སྦྲང་ཆར་ཟིལ་མའི་འབབ་རྒྱུན་ཁྲོད།།
བལ་དཀར་འཇམ་པོའི་ཁ་དོག་དུང་ལས་ལྷག།
ལུག་རྫི་ང་ཡི་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་སྐྱིད་ཀྱིས་གང་།
བསླུ་མེད་གཡང་ལྷ་དམ་པའི་ཐུགས་རྗེ་ཡིས།།
ལུག་རྫི་ཚང་ལ་གཡང་ལྷ་སྒོ་མོ་ཕྱེ།།
ལུག་རྫི་ང་ཡི་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་སྐྱིད་ཀྱིས་གང་།
ཨ་་་ཧ་་་་ཧ་་་་ཧ
དགའ་བ་ལ།
ལུག་རྫི་ང་ཡ་སེམས་པ་སྐྱིད་ཀྱིས་གང་།།
ཨོ་་་་སྐྱིད་ཀྱིས་གང་།